ཉོགས་བཤད་དང་མཐོ་གཏུགས།

ཁྱོད་ལུ་ དུས་ནམ་ར་འབད་རུང་ ཉོགས་བཤད་བཀོད་ནིའི་དབང་ཆ་ཡོད། དེ་མ་ཚད་ ཁྱོད་ལུ་ སྤྱོད་ལམ་གྱི་གསོ་བའི་ཞབས་ཏོག་ཚུ་ ངོས་ལེན་མ་འབད་བའི་ བརྡ་དོན་ལས་ ཉིནམ་དྲུག་ཅུ་ (༦༠) གི་ནང་འཁོད་ལུ་ མཐོ་གཏུགས་འབད་ནིའི་དབང་ཚད་ཡོདཔ་ཨིན།

གསོ་བའི་ཀོ་ལོ་ར་ཌོ་གིས་ ཁྱོད་ལུ་ ཉོགས་བཤད་ཡང་ན་ མཐོ་གཏུགས་འབད་ནི་ལུ་ གྲོགས་རམ་འབད་འོང་། ཁྱོད་ཀྱིས་ ང་བཅས་ཀྱི་ཉོགས་བཤད་དང་མཐོ་གཏུགས་མཉམ་འབྲེལ་པ་ལུ་ ༨༨༨-༥༠༢-༤༡༨༥ ལུ་ ཁ་པར་གཏང་ཚུགས། འདི་རིན་མེད་ཁ་པར་ཨིན། ཁྱོད་ཀྱི་དྲི་བ་ཚུ་ལུ་ལན་རྐྱབ་ནི་ལུ་ གྲོགས་རམ་འབད་ནི་ཨིནམ་མ་ཚད་ འབྲི་ཤོག་ག་ཅི་རང་འབད་རུང་ གཏང་འོང་། ཁྱོད་ཀྱིས་ ཨིང་སྐད་མ་ཤེས་མི་དང་ ཉན་མ་ཚུགས་མི་ ཡང་ན་ ཉན་མ་ཚུགས་མི་ལུ་བརྟེན་ཏེ་ སྐད་སྒྱུར་གྱི་ཞབས་ཏོག་དགོ་པ་ཅིན་ ང་བཅས་ལུ་ ངེས་པར་དུ་སླབ་གནང་། ཁྱོད་ཀྱི་ཞུ་བ་དང་འཁྲིལ་ཏེ་ གསོ་བའི་ཀོ་ལོ་ར་ཌོ་གིས་ སྐད་སྒྱུར་གྱི་ཞབས་ཏོག་ཚུ་ གོ་སྒྲིག་འབད་འོང་།

དབྱིན་ཡིག་ཐོན་ཁུངས།

ཨི་སི་པེན་ནོལ།